ཕྱི་ཚེས་༢༧ ནི་བོད་ཀྱི་འདས་སོང་གི་ལོ་རྒྱུས་ཁྲོད་ནས་དཀར་ངོགས་སུ་བསྙེགས་འགོ་བརྩམས་པའི་ཚེས་གྲངས་གལ་ཆེན་ཞིག་ཆགས་ནས་ཡོད། ཉིན་མོ་དེར། དྲང་བདེན་ཞེས་པའི་ཐ་སྙད་འདི་ལ་བརྩེ་ཞིང་དུང་བའི་མི་བུ་སྒལ་ཚིགས་ཅན་ཚོས་ལྷག་བསམ་སྲོལ་མེད་ཀྱིས་་་་་རུལ་སུང་སུ་འགྲོ་བཞིན་པའི་རང་གཞུང་སྤར་མོ་གང་བོ་འདི་སྐྱོབས་ཐབས་སུ་་་་་མི་ངན་པའི་གཡོ་ཇུས་གཡས་ནས་བསྐྱུར་་་་གཏམ་ངན་པའི་སྒྲོ་བཏགས་གཡོན་ནས་བཞག་སྟེ་་་་དམངས་གཙོའི་འགྲོ་ལུགས་དང་ཐོབ་ཐང་གི་རྒྱ་ལས་མ་འདས་བར། བཀའ་ཤག་ལྷན་རྒྱས་ལ་ཆེ་མཐོང་དང་གུས་བརྩི་ལྡན་པའི་སྒོ་ནས། རང་སེམས་དམར་པོ་ཕྱི་ལ་བཀྲམས་པའི་ཉིན་མོ་དེ་རེད། འོན་ཀྱང་རང་ཕྱོགས་ཁོ་ནར་ཞེན་པ་ཨ་འཐུས་སུ་སོང་བའི་མི་རེ་ཟུང་གིས་་་་་་རང་གཞུང་ལ་སྙིང་ཉེ་མདོག་དང་དགའ་ལྡན་ཕོ་བྲང་ལ་དད་གུས་ཡོད་མདོག་གྱི་སྤྱང་ལྤགས་གདོང་ལ་མི་འཛའ་ཡང་བཙན་གྱིས་གྱོན་སྟེ་་་སྐབས་དེའི་ལས་འགུལ་གྱི་ངོ་བོ་འུ་ཚུགས་ཀྱིས་གཞན་ཞིག་ལ་བསྒྱུར་རྩིས་བྱས་བ། པར་དང་བརྙན་གྱི་ལམ་ནས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་མཁན་ཟེར་ནས་ཁམས་སྐད་དག་མ་དེ་བཤད་ཞོར་་་་སྤྱི་ཚོགས་དཀྲིགས་རྐྱེན་བཟོས། མ་ཟད་ནམ་རྒྱུན་བོད་གཞུང་དང་གོང་ས་མཆོག་ལ་ཆེ་མཐོང་མི་བྱེད་མཁན་གྱི་དྲ་འབུ་དག་གིས་ཀྱང་བོད་གཞུང་སྲུང་སྐྱོབ་ཞེས་པའི་ཐ་སྙད་ལྗིད་པོ་དེའི་ཕྱི་ཤུན་གྱོན་སྟེ་་་་དོན་དངོས་སུ་་་ཕ་ཡུལ་གཅིག་པའམ་གྲོགས་པོའི་འདུ་ཤེས་ཀྱི་ཞེན་ཁོག་སྐམ་པོ་དེའི་ཆེད་དུ་་་་དྲང་བདེན་ལ་རྡོག་རོལ་བཏང་བ་རེད། མདོར་དེད་ན་སྲིད་སྐྱོང་གིས་སྐྱག་པ་བཏང་ན་རྐུབ་ཕྱིས་བ་རེད། དེའི་ཕྱིར་སྐྱག་པ་ནི་སྐྱག་པ་རང་ཡིན་པས་་་་ཇི་ལྟར་བཀབ་ན་་་དྲི་མ་གང་སར་ཁྱབ་ངེས་པས་་་འུ་ཚང་གི་ཁྱིམ་ཚང་ཆུང་ཆུང་འདི་་་་་སྐྱག་དྲི་འཐུལ་བའི་ཁྱིམ་ཚང་ཞིག་དུ་ཆགས་མི་འདོད་ཚེ་་་་ཚང་མའི་མཉམ་རུབ་ཀྱིས་གཙང་བཟོ་བྱ་དགོས། 

ངོ་དེབ་ལས་བཤུས།

Comments   

#3 cli.re 2018-11-27 16:24
For latest information you have to pay a quick visit web and on web I found this web page as
a best website for newest updates.
ལན་རྒྱོབ།
#2 cli.re 2018-10-18 08:39
Hi there! I know this is kinda off topic however , I'd figured I'd ask.
Would you be interested in trading links or maybe guest authoring a blog post or
vice-versa? My site discusses a lot of the same topics as yours and I believe we could greatly benefit from each other.
If you might be interested feel free to shoot me an e-mail.
I look forward to hearing from you! Terrific blog by the way!
ལན་རྒྱོབ།
#1 website 2018-06-03 16:13
You have made some decent points there. I looked on the net to learn more about the issue and
found most people will go along with your views on this website.
ལན་རྒྱོབ།

མཆན་སྤེལ་ས།

མཆན་འབྲི་བ་ལ་ངེས་པར་དུ་དངོས་མིང་དང་གློག་འཕྲིན་ཁ་བྱང་དགོས། གལ་སྲིད་དངོས་མིང་མིན་ཚེ་མཆན་བསུབ་ངེས་ཡིན་ལ་རྗེས་ཕྱོགས་ཀྱང་གློག་འཕྲིན་ཁ་བྱང་དེའི་སྒང་ནས་མཆན་འབྲི་མི་ཐུབ་བཟོ་ངེས། མཆན་གྱི་ནང་དོན་གྱི་ཆ་ནས་གང་འདོད་བྲིས་ཆོག འོན་ཀྱང་མི་གཅིག་གིས་མིང་འདྲ་མིན་གྱི་ཐོག་ནས་མཆན་འདྲ་མིན་སྣ་ཚོགས་འབྲི་མི་ཆོག