ལྷག་བསམ་རྣམ་པར་དག་པའི་སྒོ་ནས་གོང་གི་ཚིག་དོན་ཁག་ལ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། དཔྱད་པ་མ་ནོར་བར་གསོལ་བ་རྩེ་གཅིག་དུ་བཏབ་སྟེ་ཉིན་རེར་ཚར་རེ་བཏོན་ན། མ་རིག་པའི་མུན་པ་སེལ་ཅིང་འཇིགས་སུ་རུང་བའི་དགྲ་དགའ་གཉེན་སྡུག་གི་ལས་དང་མི་འཕྲད་པ། ཉེ་རིང་ཆགས་སྡང་གི་གཡང་གཟར་ལས་རང་དབང་གིས་འཕུར་བསྐྱོད་ཐུབ་པ། ཆོལ་ཞེན་སྲིན་པོའི་བྲན་གཡོག་ལས་རྣམ་པར་ཐར་ཏེ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རྒྱང་ཐག་མི་རིང་བ། ཡིད་དུ་འོང་བའི་ཆོལ་གསུམ་གཅིག་སྒྲིལ་གྱི་ཞིང་ཁམས་ཆེན་པོ་དེ་རུ་སྐྱེ་བ་ལེན་པར་འགྱུར་རོ།

བདག་མིང་བློ་བཟང་མི་ཡི་སེང་གེ་ཞེས་བགྱི་བ། རྫུན་ཁྲམ་ལ་སྐྱབས་སུ་མཆིའོ། །ཧམ་ཤེད་ལ་སྐྱབས་སུ་མཆིའོ། །འདོད་རྔམ་ལ་སྐྱབས་སུ་མཆིའོ། །དེང་སང་འཇིག་རྟེན་འདིའི་ཁམས་ཐམས་ཅད་ན་ཆོལ་ཞེན་དང་ཆོས་ཞེན་གྱི་དུག་ཆུས་སྨྱོས་པའི་འདོད་མཐུན་གང་ཇི་སྙེད་ཅིག་འདུས་ཏེ་བཟི་ཞིང་འཐོམ་པའི་ཁམས་རིགས་དང་དོལ་ཕྲུག་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ།

ཕྱག་རོགས་བཀའ་བློན་བདུན་དང་ཁམས་པའི་འཁོར། །གཤམ་འོག་ལས་བྱེད་རྣམས་དང་སྤྱི་འཐུས་དང་། །རང་དབང་ཅན་དང་ཟུར་སྐྱོང་སྡེ་ཚན་བཅས། །གནག་སེམས་མཐུན་པའི་ཕྱོགས་གཏོགས་གར་གནས་པ། །བཀུར་འོས་རྣམས་ལ་གུས་པས་ཕྱག་བྱས་ནས། །པེ་ཅིང་མཁར་ནས་གསང་སྔགས་ཚིག་ཕྱུང་སྟེ། །གང་གིས་བསྔགས་པ་ནང་མར་བཀའ་བསྩལ་པའི།

   སྲིད་སྐྱོང་རྗེ་སློབ་བཟང་སངས་རྒྱས་ལ་ཕྱག་འཚལ་ལོ།    ཕྱག་འཚལ་བསྟོད་ན་དབང་ཆ་སྤྲོད་མ། །  ཁྲིམས་ལུགས་གླེང་ན་ལུག་དང་འདྲ་མ། །  རྫུན་ཁྲམ་འུར་གསུམ་ངག་གི་ཞལ་གྱིས། །ཧམ་བཤད་བྱེ་བ་ལས་ནི་བྱུང་མ།  ཕྱག་འཚལ་མི་མང་འདུས་བ་ཀུན་ཏུ། །རྫུན་གཏམ་བརྒྱ་ཕྲག་བསྒྲིགས་ནས་བཤད་མ། །རང་ཁ་རང་གསོ་ཞལ་ནས་གསུངས་ཏེ།

འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བློ་སེང་རྗེ་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ན་བཀའ་ཤག་གི་བཀའ་བློན་ཆེན་པོ་དང་། རྫུན་ཁྲམ་ལ་བྱང་ཆུབ་པའི་ཨབ་ཕྲུག་ཁག་ཅིག་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བློ་སེང་རྗེ་དགྲ་ཤ་ཚ་ལེན་ཞེས་བྱ་བའི་སྲིད་ཀྱི་རྣམ་གྲངས་ཀྱི་ཐབས་ཇུས་ལ་སྙོམས་པར་ཞུགས་སོ། ཡང་དེའི་ཚེ་དབང་ཆའི་ཆེད་དུ་རང་གི་ཡོད་ཚད་བློས་བཏང་བའི་གཡུ་ཐོག་བླ་རྒན་དེ་ཡང་རྫུན་ཁྲམ་གྱི་ཕ་རོལ་ཏུ་ཕྱིན་པའི་གཡོ་སྒྱུའི་སྤྱོད་པ་ཉིད་ལ་རྣམ་པར་བལྟ་ཞིང་།